ཁ་སང་ཕྱི་ཚེས་ ༢༨ ཉིན་ཞོགས་པ་ཆུ་ཚོད་ ༡༠ ། ༣༠ དགོང་དྲོའི་ཆུ་ཚོད་ ༧ བར་འདི་ག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་མ་ཡོངས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་དང་བྱ་བ་ལོང་ཡོང་ཆེད་། སངས་རྒྱས་སྨན་བླའི་གཟུངས་སྔགས་དང་། སྒྲོལ་མ་རྒྱས་པ་དང་། སྒྲོལ་མའི་གཟུངས་སྔགས། རྒྱལ་བའི་ཞབས་བརྟན། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་སོགས་གསོག་སྒྲུབ་གནང་ཡོད།