གོ་པུར་རིག་གཞུང་ཚོགས་ཆུང་གིས་གོ་སྒྲིག་འོག ས་ག་ཟླ་བའི་དུས་ཚོད་ཁྱད་པར་ཅན་དང་སྟབས་བསྟུན། ཕྱི་ལོ་༢༠༢༣ ཕྱི་ཟླ་༦ ཚེས་ ༡༥ ། ༡༦ ། ༡༧ བཅས་ཉིན་གྲངས་གསུམ་རིང་། འཛིན་གྲྭ་ལྔ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་དང་། སློབ་གྲྭའི་དགེ་ལས་ཚང་འཛོམས་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་ཡུན་རིང་བརྟན་ཅིང་། གོ་པུར་སློབ་གྲྭའི་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་སླད་ཞབས་རིམ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་བ་ཞིག་དག་སྒྲོག་བཞུས།།