༄༅། ། ཁ་སང་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༤ ཚེས་ ༡༩ ཉིན་འདི་ག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གིས་གོ་སྒྲིག་འོག་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར། སློབ་གྲྭའི་ཤེས་རབ་འོད་སྣང་ཚོགས་ཁང་ནང་ལྟ་གྲུབ་སློབ་དཔོན་དང། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་གཙོས། སློབ་གྲྭའི་དགེ་ལས་ཡོངས་དང། འཛིན་གྲྭ་དྲུག་ན་ནས་བཅུ་གཉིས་བར་གྱི་སློབ་མ་ཚང་འཛོམས་ཐོག། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ནང་གསང་གསུམ་གྱི་སྐུ་གེག་བར་ཐམས་ཅད་ཞི་ནས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་སྒྲོལ་མ་དང། བར་ཆད་ལམ་སེལ། རྒྱལ་བའི་གཟུངས་སྔགས་བཅས་གསོག་སྒྲུབ་གནང།